(Translated by https://www.hiragana.jp/)
གུར་ཀུམ། - Wikipedia Jump to content

གུར་ཀུམ།

ཡོང་ཁུངས་Wikipedia

ལོ་རྒྱུས།

[རྩོམ་སྒྲིག]

གུར་གུམ་འབྱུང་ཁུངས་གཏམ་རྒྱུད་ཅིག་ཡོད་པ་ནི་ཤེལ་ཕྲེང་ལས། སྔོན་རྒྱ་མཚོ་བསྲུབས་པའི་ཚེ། བདུད་རྩིའི་བུམ་པའི་ཁ་རྒྱན་དུ་ལྷའི་མེ་ཏོག་སུ་གནྷ་ཀུ་སུ་མ་བྱུང་བ་དང་། བདུད་རྩིའི་ཟེག་[ཟེགས]མ་ས་ལ་འཐོར་བ་ལས། ཀེ་ས་ར་པིརྒོ་ལི་འཁྲུངས་པ་འདི་དག་རྒྱུ་འདྲ་བ་ལས་ཆེས་སྔོན་དུ་བསྐལ་པ་རྫོགས་ལྡན་ཚེ་ལོ་བརྒྱད་ཁྲིའི་དུས། རྒྱལ་པོ་ལག་བསྐྱང་གིས་སངས་རྒྱས་འཁོར་བ་འཇིག་སྤྱན་དྲངས་པའི་ཚེ། ལྷ་རྣམས་ཀྱིས་མེ་ཏོག་གུར་ཀུམ་གྱི་ཆར་ཕབ་པས་སྟོན་པའི་སྐུ་ལ་མཚན་དཔེའི་ཆ་ཤས་ཆེས་གསལ་བར་གྱུར་པ་དང་། དེ་རྗེས་བསྐལ་པ་ཉིས་ལྡན་ཚེ་ལོ་དྲུག་ཁྲིའི་དུས། རྒྱལ་པོ་ལྷས་བསྟན་གྱི་རིང་ལ་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་པ་སྐུ་འཁྲུངས་ཚེ་ལྷ་རྣམས་ཀྱིས་གུར་ཀུམ་གྱི་ཆུས་ཁྲུས་གསོལ་བ་དང་སྐྱེམས་སུ་ཕུལ་བས། སངས་རྒྱས་ཀྱིས་གུར་ཀུམ་གྱི་ཡོན་ཏན་ལ་བསྔགས་པའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་དང་བཅས་གསོ་དཔྱད་འབུམ་པའི་ཚ་སེལ་གྱི་རྩ་བར་བཞག་ནས། མི་མཇེད་ཀྱི་བདག་པོ་ཚངས་པ་ལ་གནང་། དེ་ལ་བརྟེན་ནས་ཚངས་པས་སྨན་སྦྱོར་སྟོང་དང་རྩ་གཉིས་ཉམས་སུ་བཞེས་པ་དང་། དེ་རྗེས་བསྐལ་པ་སུམ་ལྡན་ཚེ་ལོ་བཞི་ཁྲིའི་དུས། རྒྱལ་བོ་ཀྲྀ་ཀཱིའི་རིང་ལ་སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱོན་པའི་ཚེ། སྐུ་འཁྲུངས་མ་ཐག་ལྷ་རྣམས་ཀྱིས་གུར་ཀུམ་གྱིས་ཆུས་ཁྲུས་གསོལ་བ་དང་། སྐྱེམས་སུ་ཕུལ་བས་སྐུ་མཚན་དཔེ་འབར་བ་དང་། གསུངས་དབྱངས་ཡན་ལག་དྲུག་ཅུ་རྫོགས་པའི་རྐྱེན་དུ་སྨིན་པས་སངས་རྒྱས་ཀྱིས་མེ་ཏོག་་དེ་ལ་མངོན་པར་བེསྟོད་པས། དེའི་ཚེ་དགྲ་བཅོམ་པ་པདྨའི་དཔལ་ཞེས་བྱ་བ་སངས་རྒྱས་ཀྱི་མཐུས་རྫུ་འཕྲུལ་གྱིས་ལྷ་ཡུལ་དུ་ཕེབས་པས། ལྷ་རྣམས་ཀྱི། བསོད་ནམས་ཀྱི་མཐུས་ཆོས་བཟངས་[བཟང]ལྟའི་འདུན་སར་གུར་ཀུམ་གྱི་སྐྱེད་ཚལ་ཡོད་པ་ནས་ས་བོན་བླངས་ཏེ་དྲག་ཤུལ་ཅན་གྱི་རི་ལ་བཏབ་བོ། དེ་རྗེས་སྨན་གྱི་ལྷ་མོ་ཡིད་འཕྲོག་མས་སྨན་ཐམས་ཅད་ཀྱི་ས་བོན་འདེབས་པ་དང་ལྷན་ཅིག་ཏུ་ལྷའི་སྨན་པ་ཐ་སྐར་སྐྱེས་ཀྱི་བུ་ཐང་གྲོ་དང་དཔལ་གྲོ་གཉིས་སངས་རྒྱས་ཀྱི་བཀའ་དང་། ཚངས་པའི་ལུང་གིས་བསྐུལ་ནས་རི་དྲག་ཤུལ་ཅན་ལས་ས་བོན་བླངས་ཏེ་རི་བོ་བྱ་རྐང་དུ་བཏབ་བོ། དེ་ནས་ཁ་ཆེའི་ཡུལ་ཆུས་གང་སྟེ་རི་རྣམས་ཀྱི་སྟོད་ལས་ཆེར་མི་མངོན་པའི་དུས་དེའི་རི་ཕུག་ཏུ་དགྲ་བཅོམ་པ་ཉི་མ་གུང་པ་བྱ་བ་ཞིག་ཐུགས་དམ་ལ་བཞུགས་པར། ཀླུའི་དབང་པོ་རྣམས་མངོན་པར་དད་ཅིང་ཆོས་ཞུ་བའི་ཚེ། དགྲ་བཅོས་པས་ཀླུ་རྣམས་ལ། དཀོན་མཆོག་མཆོད་པ་དང་། འགྲོ་བའི་ནད་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་གུར་ཀུམ་འདེབས་པའི་ས་རྒྱ་ཞིག་བསླང་ན། དེ་ལ་ཀླུ་རྣམས་དགྱེས་པས་གནང་བ་དང་། དེའི་ས་མངོན་པར་བྱ་བའི་ཕྱིར་མཚོ་ཕྲི་བ་དང་སྨིན་པའི་གྲོགས་གསོལ་ཏོ། ། ཞེས་བཀའ་སྩལ་[བསྩལ]པས། གསོལ་བ། ཉིད་ཀྱི་ཆོས་གོས་ཀྱིས་གང་ཁིབས་པའི་ས་རྒྱོ་འབུལ་བ་དང་བཅས་ཕྲིན་ལས་བསྒྲུབ་བོ།། དགྲ་བཅོམ་པས་ངའི་ཆོས་གོས་སངས་རྒྱས་ཀྱིས་མ་གནང་བས་ས་ཆུ་ལ་འགེབ་པར་མི་བཏུབ་བོ་གསུངས་པས།འོ་ན་མཁའ་ལ་བཏེག་པའི་གྲིབ་མ་ལ་ཚོད་གྱིས་ཤིག དགྲ་བཅོམ་པ་ནང་པར་ནམ་མཁའ་ལ་རྫ་འཕྲུལ་གྱིསེ་འཕུར་ཏེ་ཉི་མ་འཆར་བའི་རིའི་གསང་ཧེ་ལ་ཆོས་གོས་འཕྱར་བས་དེའི་ཡུལ་ལྗོངས་ཕལ་ཆེར་གྲིབ་མས་ནོན་ཏོ། ། དེར་ཀླུས་ས་ཕུལ་བཞིན་མཚོ་ཕྲིས་པས།དགྲ་བཅོམ་པས་རི་བྱ་རྐང་ཅན་ནས་ས་བོན་བླངས་ཏེ་བཏབ་ནས། སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་སྐྱེ་བར་སྨོན་ལས་བཏབ་པ་དང་། ཀླུས་གྲོགས་བགྱིས་པས་སྐྱེས་པ་དང་། ཡུལ་དེར་མི་ཡང་རིམ་པས་ཆགས་པར་གྱུར་ཏོ། དེ་བཞིན་དུ་པཎ་ཆེན་ནཱ་རོ་པས་ཀྱང་རི་བོ་བྱ་རྐང་ནས་ས་བོན་བླངས་ཏེ་པུཥྤ་ཧ་རིར་བཏབ་པ་དང་དེ་ལས་འཕྲོས་པ་མ་ལ་ཡང་སོགས་སུ་ཡང་སྐྱེས་པ་དང་། དེ་མ་ཡིན་པའི་དེ་དང་ནུས་པ་ཕྱོགས་མཐུན་པ་ཙམ་ལྡུམ་རར་[རྭར]བཏབ་བ་ལེ་བརྒན་མ་ནི་རྒྱ་གར་ཡུལ་ཕལ་ཆེར་དུ་སྐྱེ་བ་དང་། དེའི་བརྒྱུན་[རྒྱུན]བལ་ཡུལ་དུའང་དེ་ལས་དམན་ཙམ་རྟག་པར་སྐྱེས་པ་དང་། དེ་ལས་དམན་པ་ཙམ་བོད་ཀྱི་ལྡུམ་རར་[རྭར]ཡང་སྐྱེས་བ་ན་དེ་རྣམ་ནི་ཁུངས་བྱུང་གི་ལོ་རྒྱུས་སོ།།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

བྱིའུ་ཆུང

                    --w.m

ནམ་མཁའ་རྨས་མ་ཞིག་གི་ཁ་གཞང་དུ སྐར་མའི་མིག་མཐའ་བཀྲུ་བའི་བྱིའུ་ཆུང་ཞིག་ཅི་ལྟར་འཕུར་ཀྱང གཙང་བོ་དང་རྒྱ་མཚོ་བརྒལ་རྗེས རི་རབ་དང་ནམ་མཁའ་བརྒལ་དགོས

ངལ་བར་གྱུར་ན་ཕྱིར་བདག་གི་ལྗོན་རྩེ་རུ་ལོག་ཤོག མཚོ་གཏིང་དུ་ཟུག་པའི་བདག་གི་ལྗོན་རྩེ་རུ་བྱི་རུའི་མེ་ཏོག་སྐྱེས་ཡོད སྐྱོ་བར་གྱུར་ན་བདག་གི་རྨི་ལམ་དུ་ལོག་ཤོག རྨི་ལམ་དུ་ཁྱེད་ཉིད་སྐུང་སའི་ཡལ་ག་ཞིག་བརྩེངས་ཡོད དུབ་ན་གཉིད་དུ་ཡུར་ཆོག གྲང་ན་ཚང་དུ་ཡིབ་ཆོག

འཕུར་ཤིག ཤེད་ཀྱིས་འཕུར་ཤིག ཡུན་རིང་སོང་ཚེ་མུན་པ་དང་དུ་སྤྲིན་བརྒལ་དགོས ད་དུང་སོང་ཚེ་བར་དོ་དང་དམྱལ་བ་བརྒལ་དགོས

འཇིགས་དངངས་བྱུང་ན་ཕྱིར་ལམ་དུ་དལ་མོར་ལོག་ཤོག མགོ་བོ་མ་ཡུར་བར་ལོག་དང བདག་གིས་ཁྱེད་ལ་སྙིང་གིས་ས་ཁྲ་ཞིག་བྲིས་ཡོད ད་དུང ལོ་ཟླའི་ངོ་བོ་མེད་པའི་དབྱར་ཁ་ཞིག་ཀྱང་སྟེར་ཆོག

འཕུར་ཤིག འཕུར་ཤིག

                                                             ༢༠༡༢  ༩   ༩ ཉིན་ལན་གྲུ་ནས།

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]